写给我的妻子 我的爱人—— 旺措(张雅笛)
但不幸的是,7月30日她在藏地的德钦被捕了。简单来说是因为你弱小又虔诚,又喜欢其他民族的语言和文化。而我就像只没有翅膀的鸟儿,只能东张西望,完全没办法飞起来,我想去救她却毫无办法。
今天是7月30日。距离我们的编辑张雅笛在藏地德钦被捕,整整一年了。
一年前的今天,是华语青年挺藏会的至暗时刻。雅笛——她的藏文名字叫旺措——因为热爱藏民族语言与文化,因为她的信仰和真诚, 在旅途中被带走,至今未归。
我们在此翻译刊出她的爱人、藏人音乐家 格桑雅培 于去年9月20日在脸书上用藏文写下的自述。文中包含着一个丈夫对妻子的深情:他们如何相遇,如何突破周遭人的非议,雅笛何以学会藏文,在藏地街头目睹藏语文的凋零,把对藏民族文化的热爱融入血肉。
邀您与我们一同读完这篇短文,感受这段跨越民族与年岁、穿过苦难与高墙的深情。也请记住她的名字——张雅笛,旺措。
直到今天,我未曾公开说过什么。
因为说出来,除了给相关的人带来伤害,别无益处。
然而如今,这件事已传得沸沸扬扬,我便想在网络上写一写我的妻子、我的爱人。
我们最开始遇见是在2023年5月27日,当时她才19岁,而我45岁。我们俩年龄差距很大,所以我不太确定。走进人群里,我感觉不太自在。后来慢慢地我习惯了,所以也就没什么了。
说实话,我一直试图远离汉人的食物和文化。但一次偶然的机会,我们相遇了,我意识到,无论我们是否同意,她那颗纯真的心与对藏语文的热爱都已融入她的骨子里。所以我给了她加倍的爱,我给她取了一个藏语名字叫“旺措”(དབང་མཚོ Wangtso)。她很喜欢这个名字,这个名字已经融进了她的血肉。
人们取笑我,嘲讽我,甚至我也遭受过恶语中伤和侮辱。他们告诉我,你至今不曾在汉人手下做事,固然难得,但现在你却和“汉女”处对象,可真是太可笑了。这句话说得没错,但真的很伤我心。尤其是“汉女”(音:加姆)这个词,格外伤我,更是伤她。但我别无选择,没有人能改变命运。我没有在汉人手下工作过,不是因为我不懂汉语,也不是因为我不喜欢钱,而是因为我有自己的个性,(保持)自己的个性对我来说很重要。总之,我和她的相遇导致我和几个好友疏远了。特别是我在比利时的老朋友芒托(མང་ཐོས Mangtoe)失去了联系。但纵使不再联系,我还是感觉和他很亲近。这些事,都只是我心中的悲欢离合罢了。
我在这里主要想说的是我妻子对我的民族倾注的爱,特别是对藏语文的深厚感情。从我们俩2023年相遇开始,她就知道藏文三十个字母,也了解了很多关于新疆和少数民族的困难等等。我们俩在一起大约两年后,她读写藏文已经没有任何困难。通过网课和我的帮助下,她甚至能用藏文写短篇文章。我脸书上有篇和我有关的藏语短文,你们可以找来看。她素来笃信佛法,甚至带着几分痴信,极爱去寺院佛殿修行礼拜,日常持诵不辍。有时恍惚之间,我竟觉得身旁是一位来自故乡的纯净牧女。
她每年都会回家探亲。去年她回家探亲时去了藏区,亲眼看到了藏语文的现状,孩子们在说什么语言,饭馆、商店、街道和高速公路等处藏文招牌都没有了,这些都深深的印在她的脑海里。所以她回到法国后心情很是沉重,哽咽着对我说她非常难过,她说:"已经完了。"。从那以后,她学习藏文和民族文化的愿望比以前更强烈了。今年7月她又回去见父母,我怎么劝她都不听,她说她很想去拉萨。
但不幸的是,7月30日她在藏地的德钦被捕了。简单来说是因为你弱小又虔诚,又喜欢其他民族的语言和文化。而我就像只没有翅膀的鸟儿,只能东张西望,完全没办法飞起来,我想去救她却毫无办法。我眼下身心疲惫,俗事缠身,但我希望有一天所有人能知道她对我们(藏)民族的热爱和深情。如果仅仅因为喜欢一个民族的文化就要被抓,那么我们还能去哪里呢?我产生了一种除了在自己家里等死,什么都做不了的绝望。不允许有信仰、不允许学习母语、不许喜欢文化,甚至是不允许人有思想等等,这种极端专制的统治者除了中国政府,还能在哪里找到?
现在我自己的万千心绪涌上心头,暂且写到这里罢。
最后,我要对所有关心帮助我妻子旺措的人,衷心表示感谢。
热擦阿旦
正名格桑雅培
2025年09月20日
དེ་རིང་གི་བར་ངས་ཕྱིར་བསྒྲགས་གང་ཡང་བྱས་མེད།
གང་ཡིན་ཞེ་ན་ང་ཚོས་བྱས་པ་ཅན་དག་ལ་གནོད་སྐྱེལ་བ་ལས་ཕན་གང་ཡང་མི་ཐོག་པས་རྒྱུ་མཚན་ཡིན།
འོན་ཀྱང་ད་ནི་གནས་ཚུལ་འདི་ས་བསྒྲགས་གནམ་བསྒྲགས་ཡིན་པས་ངའི་ཆུང་མའམ་སྙིང་སྡུག་མའི་སྐོར་ཞིག་དྲ་ལམ་འདིར་འཇོག་འདོད་བྱུང་།
ངེད་གཉིས་༢༠༢༣/༠༥/༢༧ ཉིན་ཐོག་མར་ཐུག
དེ་དུས་ད་དུང་མོ་ལོ་བཅུ་དགུ་ལས་སོན་མེད། ང་སྐབས་དེར་ཞེ་ལྔ་རེད། ངེད་གཉིས་པར་ལོ་ཆེ་ཆུང་ཧ་ཅང་ཆེན་པོ་ཁྱད་ཡོད་སྟབས་ངའི་སེམས་སྐྱིད་པོ་སྐྱིད་པོ་ཞིག་མ་རེད། མི་ཚོགས་ཁྲོད་དུ་འགྲོ་དུས་ཀྱང་ཏོག་བདེ་ཞིག་ཁྱོན་ནས་མ་རེད། རེད་དེ་རིམ་བཞིན་གོམས་སོང་བས་སྐྱོན་གང་ཡང་མི་འདུག
དྲང་མོ་བཤད་ན་ཡུན་རིང་ཞིག་ནས་ད་བར་རྒྱ་ཟས་དང་རྒྱ་སྐད་རྒྱ་གཤིས་སོགས་ལ་ཐག་རིང་ཐབས་གང་ཐུབ་བྱས་པ་ཡིན། འོན་ཀྱང་སྟེས་དབང་ཞིག་གིས་ངེད་གཉིས་དེ་ལྟར་ཐུག་ནས་ངས་མོའི་ལྷད་མེད་པའི་སེམས་པ་དཀར་བོ་དང་བཅོས་མ་མ་ཡིན་པའི་བོད་སྐད་ཡིག་ལ་དུང་བ་དེ་ངེད་གཉིས་མཐུན་མིན་ལ་མ་ལྟོས་པར་ཤ་དང་ཁྲག་ལ་འབྱར་ཡོད་པ་ངས་གསལ་བོ་ཤེས་སོང་། དེའི་ཕྱིར་ངས་མོ་ལ་བརྩེ་བ་ལྷག་མ་སྤྲད་ཡོད། ངས་མོར་བོད་མིང་ཞིག་བཏགས་ཡོད། མོའི་བོད་མིང་ལ་དབང་མཚོ་ཟེར། མོ་མིང་འདི་ལ་ཧ་ཅང་དགའ། མིང་འདི་མོའི་ཤ་དང་ཁྲག་ལ་འཐིམ་ཡོད།
མི་ཚོས་ང་ལ་མི་དགའ་བའི་རྣམ་འགྱུར་དང་ཟུར་ཟ། ངོ་མཚང་ཡང་འདྲུ་མྱོང་ཡོད། འཕྱ་སྨོད་དང་བརླ་བཙགས་པ་སོགས་ཀྱང་གོ་མྱོང་ཡོད།
མི་ཚོས་ང་ལ་ཁྱོད་ཀྱིས་ད་བར་དུ་རྒྱའི་འོག་ཏུ་ལས་ཀ་མ་བྱས་པ་བཟང་མོད་ཀྱང་ད་ལྟ་རྒྱ་མོ་ཞིག་ལ་འགྲོགས་པ་འདི་ཁེ་མཚར་རེད་ཟེར། ཚིག་འདི་བདེན་པ་ཡིན་ཡང་ང་ལ་ཧ་ཅང་གནོད། ལྷག་པར་རྒྱ་མོ་ཞེས་པའི་ཚིག་འདི་ང་ལ་ཧ་ཅང་གནོད། མོ་ལ་དེ་བས་ཀྱང་གནོད། འོན་ཀྱང་ང་ལ་བྱ་ཐབས་ཟད། ལས་ལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ། ངས་རྒྱའི་འོག་ཏུ་ལས་ཀ་མ་བྱས་པ་དེ་ངས་རྒྱ་སྐད་མ་ཤེས་པ་མིན་ལ་སྒོར་མོར་མ་དགའ་བ་དེ་བས་ཀྱང་མིན། རེད་དེ་ང་ལ་རང་གི་གཤིས་ཀ་ཡོད། རང་གི་གཤིས་ཀ་དེར་རང་ལ་རིན་ཐང་ཆེ། གང་ལྟར་ང་མོ་དང་ཕྲད་པའི་ལས་འདིས་རྐྱེན་གྱིས་ང་དང་གྲོགས་ཁ་ཤས་ཁ་ཐག་རིང་དུ་ཕྱིན། དམིགས་བསལ་པྷེལ་ལྗམ་དུ་གནས་སྡོད་བྱས་པའི་ངའི་གྲོགས་བཟང་མང་ཐོས་དང་ཁ་གཏམ་ཆད། ཁ་གཏམ་མེད་པ་ཙམ་ལས་ང་ཁོ་ལ་ཧ་ཅང་སེམས་ཐག་ཉེ། གནས་སྟངས་འདི་ཚོ་སྤྱིར་ངའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཙམ་ཡིན།
འདིར་ངས་བཤད་འདོད་པ་གཙོ་བོ་ནི་ངའི་ཆུང་མས་རང་མི་རིགས་ལ་བཅང་བའི་བརྩེ་བ་དང་ལྷག་པར་བོད་སྐད་ཡིག་ལ་དུང་བའི་ཚོར་ཤུགས་དྲག་པོ་དེ་ཡིན། ངེད་གཉིས་༢༠༢༣་ལོར་ཐུག་དུས་ནས་མོས་ཀ་སྨད་སུམ་ཅུ་དང་གྲངས་ཉུང་མི་རིགས་དག་གི་དཀའ་ངལ་སོགས་ཧ་ཅང་མང་བོ་ཞིག་ཤེས་ཀྱིན་འདུག ངེད་གཉིས་འགྲོགས་ཏེ་ངོ་ལོ་གཉིས་ཙམ་ནས་བོད་ཡིག་འབྲི་བ་དང་ཀློག་པ་སོགས་ལ་དཀའ་ངལ་གང་ཡང་མེད། དྲ་ལམ་སློབ་ཁྲིད་དང་ངས་བསླབས་པ་སོགས་ལ་བསྟེན་ནས་བོད་ཡིག་ནང་རྩོམ་ཐུང་རེའང་འབྲི་ཤེས་ཀྱིན་ཡོད། ང་དང་འབྲེལ་བའི་རྩོམ་ཐུང་རེ་ངའི་ངོ་དེབ་བརྒྱུད་ན་གསལ། སྤྱིར་མོ་ཆོས་སེམས་ཆེན་པོ་ཡོད་པའི་ཁར་རྨོངས་དད་ཀྱང་ཅུང་ཙམ་ཆེ། དགོན་པ་དང་ལྷ་ཁང་སོགས་ལ་སོང་སྟེ་ཆོས་སྒྲུབ་པར་ཧ་ཅང་དགའ། ཁ་འདོན་རྒྱུན་དུ་བྱེད། མཚམས་ལ་རེར་ང་ཕ་ཡུལ་གྱི་འབྲོག་མོ་དག་མ་ཞིག་དང་མཉམ་དུ་ཡོད་སྣང་སྐྱེས་སུ་འཇུག
ལོ་རྟག་པར་མོ་ཕ་མར་ཐུག་པར་འགྲོ་བཞིན་ཡོད། ན་ནིང་མོ་ནང་མིར་ཐུག་ཞོར་དུ་བོད་ལ་སོང་། བོད་དུ་སོང་དུས་བོད་སྐད་ཡིག་གི་གནས་སྟངས་མོས་དངོས་སུ་མཐོང་ཡོད། བྱིས་པ་ཚོས་སྐད་ཡིག་གང་ཤོད་ཀྱིན་ཡོད་པ་དང་ཟ་ཁང་དང་ཚོང་ཁང་། སྲང་ལམ་དང་མྱུར་ལམ་སོགས་ཀྱི་བོད་ཡིག་གི་གོད་ཆག་ཡོངས་སུ་ཁོ་མོའི་སེམས་ན་ཐང་ཁྲོམ་བཀྲམས་པ་བཞིན་གསལ་ཐང་ངེར་ཡོད་སྟབས་མོ་ཕྱིར་ཧྥ་རན་སུ་ལ་ཐོན་དུས་ཡིད་རྨུགས་ཏེ་མགྲིན་པ་དངངས་བཞིན་ང་ལ་སྐྱོ་ཉམས་ཆེན་པོས་ད་ཚར་འདུག་ཟེར། དེ་ནས་བཟུང་མོས་བོད་ཡིག་དང་མི་རིགས་རིག་པ་སོགས་ལ་སྦྱོང་འདོད་སྔར་ལས་ཆེ་རུ་ཕྱིན། ད་ལོ་ཡང་ཟླ་བདུན་པར་མོ་ཕ་མར་ཐུག་པར་སོང་། ངས་ཇི་ཙམ་བཤད་ཀྱང་མ་ཉན་པར་མོ་ལྷ་སར་འགྲོ་དགོས་ཟེར། འོན་ཀྱང་སྟབས་མ་ལེགས་པར་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བོད་བདེ་ཆེན་ནས་འཛིན་བཟུང་བྱས་འདུག རྒྱུ་མཚན་མདོར་དེད་ན་ཁྱོད་ཉམ་ཆུང་ཞིང་ཆོས་སེམས་ཆེ་བ། མི་རིགས་གཞན་གྱི་སྐད་ཡིག་དང་རིག་གནས་ལ་དགའ་བ་སོགས་ཀྱི་རྐྱེན་གྱིས་རེད། འོན་ཀྱང་ང་ནི་བྱེའུ་གཤོགས་མེད་བཞིན་ཡར་ལྟ་མར་ལྟ་བྱེད་པ་ལས་རང་ཉིད་འཕུར་ཐབས་དང་ཁོ་མོ་སྐྱོབ་ཐབས་ཤིག་ཁྱོན་ནས་མི་འདུག ལུས་སེམས་བདེ་ཐང་དང་ལས་ཀའི་བྲེལ་ཚུབ་ཀྱི་དབང་གིས་གནས་སྐབས་མི་འཇོན་ཡང་ནམ་ཞིག་མོའི་རང་མི་རིགས་ལ་བཅང་བའི་བརྩེ་དུང་ཀུན་གྱིས་ཤེས་པ་བྱེད་པར་འདོད་ཡོད། མི་རིགས་ཤིག་གི་རིག་གནས་ལ་དགའ་བ་ཙམ་གྱིས་འཛིན་བཟུང་བྱེད་ཀྱིན་ཡོད་ན་ད་ནི་ང་ཚོ་གང་ལ་འགྲོ་དགོས་རེད་དམ། རང་ཁྱིམ་ནས་ཤི་སྒུག་བྱེད་པ་ལས་གནས་གཞན་ལ་འགྲོ་ཐབས་མེད་པའི་ཚོར་བ་ཞིག་ངང་གིས་སྐྱེས་ཡོང་། དད་པ་བྱེད་མི་ཆོག་པ། སྐད་ཡིག་སྦྱོང་མི་ཆོག་པ། རིག་གནས་ལ་དགའ་མི་ཆོག་པ། མདོར་ན་མི་ལ་སེམས་ཡོད་མི་ཆོག་པ་སོགས་ཧ་ཅང་ཐལ་དྲགས་པའི་གཞུང་འཛིན་པ་འདི་དག་རྒྱ་གཞུང་ལས་གཞན་གང་ནས་རྙེད།
ད་ཡང་ངའི་རང་ཉིད་ཀྱི་ཚོར་བ་ཐོན་ཡོང་སྟབས་རེ་ཞིག་འབྲི་མཚམས་འདི་ནས་འཇོག
མཇུག་མཐར་ངའི་ཆུང་མ་དབང་མཚོ་ལ་སེམས་ཁུར་རོགས་རམ་བྱེད་མཁན་ཡོང་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།
ར་ཚ་ཨ་བརྟན། མིང་དངོས་སྐལ་བཟང་ཡར་འཕེལ་གྱིས་ ༢༠/༠༩/༢༠༢༥ ཉིན།
本译文经原作者知情同意后发布,照片来源于公开资料。
Tibet Times| Young Chinese Woman with Avowed Affection for Tibetans Arrested and Disappeared





